Pema Kathang with prayer book

༄༅། །༧སྐྱབས་རྗེ་རྡོ་རྗེ་འཆང་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་གུ་རུའི་ཚིག་བདུན་གསོལ་འདེབས་དང་འབྲེལ་བའི་བླ་སྒྲུབ་བྱིན་རླབས་ཆར་འབེབས་ཀྱི་སྒོ་ནས་ཚོགས་འཁོར་གནང་བའི་གསུང་བྱིན་ཅན་བཞུགས་སོ། ། གསོལ་འདེབས་བསམ་པ་ལྷུན་འགྲུབ་མ་ལས། དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནངས་རེ་དགོངས་རེ་བོད་ཀྱི་དོན་ལ་བྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་བཅིབས་ཏེ་བྱོན༔ ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ ཞེས་དང་། བཀའ་ཐང་བསྡུས་པ་ལས། དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད༔ ཅེས་གསུངས་པ་ལྟར་དད་ལྡན་སྐྱེ་བོ་ཀུན་གྱིས་ཡར་ངོ་ཚེས་བཅུའི་དུས་བཟང་ལ་ཚིག་བདུན་བླ་སྒྲུབ་དང་ཨོ་རྒྱན་གུ་རུའི་གསོལ་འདེབས་ཅི་རིགས་ལ་འབད་ན་དགེ་མཚན་ཆེའོ། ། Here is the voice of His Holiness Kyabje Dorji Chhang Namkhai Nyingpo Rinpoche imbued with blessings performing 'A Guru Yoga Practice to accompany the Seven-Line Prayer.' Sampa Lhundrup (Spontaneous Fulfillment of Wishes) states that now when this degenerate dark age reaches its deep depths, at dawn and dusk, for those who have devotion, riding on the rays of rising and setting sun, and on every tenth day of the waxing moon, you come in person. Kathang Duepa (Brief Life of Padmasambhava) also tells that for those who have faith in Guru Rinpoche, he's right at your doorstep. All those devotees who commit themselves at seven-line prayer and supplication of Orgyen Guru would be greatly virtuous.